查看原文
其他

【通告】中共同仁市纪律检查委员会 同仁市监察委员会关于征集党员干部和行使公权力人员违规吃喝问题线索的通告

今日同仁 2023-06-30


ཐུན་རིན་གྲོང་ཁྱེར་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་། ཐུན་རིན་གྲོང་ཁྱེར་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཏང་ཡོན་ལས་བྱེད་དང་གཞུང་གི་དབང་ཆ་ཡོད་པའི་མི་སྣས་སྒྲིག་འགལ་ངང་བཟའ་འཐུང་བྱེད་པའི་གནད་དོན་གྱི་ཁུངས་སྣེ་བསྡུ་བའི་ཐད་ཀྱི་བརྡ་ཁྱབ།

ཏང་གི་ཚོགས་ཆེན་ཉི་ཤུ་པའི་བཀོད་སྒྲིག་བླང་བྱ་དང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། “སྤྱོད་ཚུལ་བཞི”ཡོ་བསྲང་བྱེད་པའི་ལས་དོན་གཏིང་ཟབ་སྒོས་སྤེལ་བ། སྤྱོད་ཚུལ་འཛུགས་སྐྱོང་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱ་ཆེད། སྤྱི་ཚོགས་ལས་རིགས་ཁག་ནས་རང་རེའི་གྲོང་ཁྱེར་གྱི་ཏང་ཡོན་ལས་བྱེད་པ་དང་གཞུང་གི་དབང་ཆ་སྤྱོད་མཁན་གྱིས་སྒྲིག་འགལ་ངང་ཟ་འཐུང་དང་ཆང་འཐུང་བ། ཆང་འཐུང་རྗེས་ཀུན་སྤྱོད་ཉམས་པ་བཅས་ཀྱི་གནད་དོན་གྱི་ཁུངས་སྣེ་རྒྱ་ཁྱབ་ངང་བསྡུ་རུབ་བྱེད་རྒྱུ་ཡིན་པས། ཞིབ་ཕྲའི་བརྡ་ཁྱབ་བཏང་པ་གཤམ་གསལ།

གཅིག བསྡུ་རུབ་དུས་ཚོད།

2023ལོའི་ཟླ3པའི་ཚེས14ནས2023ལོའི་ཟླ12པའི་ཚེས31ཉིན་བར། 

གཉིས། བསྡུ་རུབ་ཁྱབ་ཁོངས།

གཅིགསྒྲིག་འགལ་ངང་གཞུང་དངུལ་སྤྱད་དེ་བཟའ་འཐུང་བྱེད་པ། གཞུང་དོན་སྣེ་ལེན་གྱི་གཏན་འབེབས་ལས་འགལ་ཏེ། ཚད་གཞི་ལས་བརྒལ་བ་དང་ཁྱབ་ཁོངས་ལས་བརྒལ་ནས་སྣེ་ལེན་བྱེད་པ་དང་། གསོལ་ཁང་དུ་འཛད་སྤྱོད་རྒྱས་སྤྲས་བྱེད་པ། སྒྲིག་འགལ་ངང་ཆང་འཐུང་བ། གཞུང་ཡིག་མེད་པ་དང་གཞུང་ཡིག་རྫུན་བཟོ་བྱས་ནས་སྣེ་ལེན་བྱེད་པའམ་ཡང་ན་གཞུང་ཡིག་གཅིག་གི་སྟེང་ནས་གསོལ་སྟོན་གང་མང་བཤམས་པ། གཞུང་དོན་གྱི་མིང་ཐོག་ནས་གཞུང་དངུལ་བཏང་ནས་གསོལ་སྟོན་བཤམ་པ། གཞུང་དངུལ་བཏང་ནས་མི་སྒེར་གྱི་གྲོན་དངུལ་རྩིས་ཞུ་བྱེད་པ་སོགས་ཀྱི་གནད་དོན། 

གཉིསགཞུང་དོན་དྲང་བདེན་ངང་སྒྲུབ་པར་གནོད་པ་བཟོ་སྲིད་པའི་གསོལ་སྟོན་དང་ལེན་བྱེད་པ། གཏན་འབེབས་ལས་འགལ་ཏེ་སྒེར་གཉེར་ཁེ་ལས་དང་ལས་ཁུངས་ཀྱི་ཁོངས་གཏོགས་སྡེ་ཚན། ཁོངས་གཏོགས་ལས་ཁུངས་སོགས་དོ་དམ་ཞབས་ཞུ་བྱ་ཡུལ་གྱི་གསོལ་སྟོན་དང་ལེན་བྱེད་པའམ་ཡང་ན་དོ་དམ་ཞབས་ཞུ་བྱ་ཡུལ་གྱི་གཏོང་སྤྲོད(རྩིས་ཞུ)དང་ལེན་བྱས་ནས་མི་སྒེར་གྱི་ཟ་འཐུང་གྲོན་དངུལ་རྩིས་སྤྲོད་བྱེད་དུ་འཇུག་པ་སོགས་ཀྱི་གནད་དོན། 

གསུམལྐོག་ནས་སྒྲིག་འགལ་ངང་ཟ་འཐུང་བྱེད་པ། སྒེར་གྱི་འདུ་གནས་དང་སྒེར་གྱི་འདུ་གནས་ཀྱི་ངོ་བོ་ལྡན་པའི་ལས་ཁུངས(ཀུང་སི)ནང་ཁུལ་གྱི་ཟ་ཁང་དང་སྡོད་ཁང་གཞིས་ཁུལ། གཞུང་ལས་ཐོག་ཁང་སོགས་མི་མངོན་པའི་གནས་སུ་སྒྲིག་འགལ་ངང་བཟའ་འཐུང་དང་ལྟ་སྐུལ་ལས་གཡོལ་ཐབས་བྱེད་པ་སོགས་ཀྱི་གནད་དོན། 

བཞིབྱ་བའི་དུས་ཚོད་ལ་སྒྲིག་འགལ་གྱིས་ཆང་འཐུང་བ། ལས་ཞུགས་ཚོགས་འདུ་དང་སློབ་སྦྱོང་གསོ་སྦྱོང་། ལས་རེས་ལས་གཉེར། གཞུང་དོན་སྒྲུབ་པའི་སྐབས་སུ་ཆང་འཐུང་ནས་བྱ་བར་ལས་འཛོལ་བྱུང་བ་དང་། ཆང་འཐུང་རྗེས་ཀུན་སྤྱོད་ཆལ་ཆོལ་བྱུང་བ་སོགས་ཀྱིས་ཤུགས་རྐྱེན་ངན་པ་བཟོ་བའི་གནད་དོན། 

ལྔའགན་དབང་སྤྱོད་པའམ་ཡང་ན་གོ་གནས་ཀྱི་ཤུགས་རྐྱེན་ལ་བརྟེན་ནས་གཉེན་སྒྲིག་དང་འདས་མཆོད། གསོལ་སྟོན་བཅས་ཀྱི་བྱ་བ་སྒྲུབ་པ། སྒྲིག་འགལ་ངང་གཉེན་སྟོན་དང་འདས་མཆོད། འཁྲུངས་སྐར། སློབ་རིམ་འཕར་བ། སྡོད་ཁང་གསར་པར་སྤོ་བ། གོ་གནས་འཕར་བ་སོགས་ཀྱི་དོན་དག་བསྒྲུབ་པར་རྒྱས་སྤྲོས་རྒྱས་གཤོམ་དང་རྒྱས་ཟ་རྒྱས་འཐུང་། རྒྱས་སྤྲོས་ཆུད་ཟོས་བྱེད་པ་སོགས་ཀྱི་གནད་དོན། 

དྲུགསྒྲིག་སྲོལ་ལས་འགལ་བའི་ཟ་འཐུང་གི་གནད་དོན་གཞན་དག

གསུམ། བསྡུ་རུབ་བྱེད་སྟངས།

ཐེར་འདོན་ཁ་པར་ཨང་གྲངས།(0973)12388    18097132040

ཡིག་སྐུར་ས་གནས། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་སྒྲིག་ཨུ་ལྟ་ཞིབ་ཨུ་ལྷན་ཡིག་བསྐུར་ངོ་གཏུག་ཁང་།(སྦྲག་ཨང811399)

ཐེར་འདོན་དྲ་ཚིགས། http://qinghai.12388.gov.cn/

བཞི། དོན་ཚན་གཞན་དག

(གཅིག)སྤྱི་ཚོགས་ལས་རིགས་ཁག་གིས་ཧུར་ཐག་ངང་གནད་དོན་འདོན་པར་དགའ་བསུ་ཞུ། ཁུངས་སྣེ་འདོན་སྤྲོད་བྱེད་སྐབས་གནད་དོན་བྱུང་བའི་དུས་ཚོད་དང་ས་གནས། མི་སྣའམ་ལས་ཁུངས་སོགས་ཀྱི་གནས་ཚུལ་ཞིབ་ཕྲ་འགོད་གང་ཐུབ་བྱེད་དགོས་པ་མ་ཟད། འབྲེལ་ཡོད་ཀྱི་དཔང་རྟགས་དཔྱད་ཡིག་ཀྱང་ཟུར་དུ་འགོད་དགོས། ཐེར་འདོན་ཁུངས་སྣེ་རྩད་ཞིབ་བྱས་ནས་དོན་དངོས་དང་མཐུན་ཚེ་ཁུངས་སྣེ་རེར་བྱ་དགའ་སྒོར500སྤྲོད་རྒྱུ།

(གཉིས)དངོས་མིང་ཐོག་ནས་ཐེར་འདོན་གོང་ཞུ་བྱེད་པར་བསྔགས་སྐུལ་བྱེད་རྒྱུ། འབྲེལ་ཡོད་སྡེ་ཁག་གིས་དངོས་མིང་ཐོག་ནས་ཐེར་འདོན་བྱེད་མཁན་མི་སྒེར་གྱི་ཆ་འཕྲིན་གསང་སྲུང་ནན་མོ་བྱས་ནས། ཐེར་འདོན་བྱེད་མཁན་ལ་རྡུང་རྡེག་འཁོན་སློག་བྱས་པར་ཁྲིམས་ལྟར་ཆད་པ་ནན་མོ་གཅོད་རྒྱུ་དང་། རྐང་བཙུགས་ནས་ཐེར་འདོན་གོང་ཞུ་དང་མི་གཞན་ལ་སྙོན་འཛུགས་ཉེས་འགེལ་བྱས་ཚེ། སྒྲིག་སྲོལ་དང་སྒྲིག་ཁྲིམས་ལྟར་འབྲེལ་ཡོད་འགན་འཁྲི་བདའ་འདེད་གཏོང་རྒྱུ། 

(གསུམ)འབྲེལ་ཡོད་ཏང་གི་སྒྲིག་ཁྲིམས་ཀྱི་སྲོལ་ཡིག་དང་གཏན་འབེབས་དང་འགལ་ཞིང་། བརྡ་ཁྱབ་འདི་བསྡུ་ལེན་བྱེད་པའི་གནད་དོན་དང་འབྲེལ་བ་ཡོད་པའི་ཏང་ཡོན་ལས་བྱེད་པ་དང་། གཞུང་འགན་འཁུར་མཁན་མི་སྣས2023ལོའི་ཟླ6པའི་ཚེས31ཉིན་གྱི་སྔོན་དུ། གནས་སའི་སྡེ་ཁག་གི་ཏང་རྩ་འཛུགས་སམ་ཡང་ན་གྲོང་ཁྱེར་སྒྲིག་ཨུའི་ལྟ་ཞིབ་ཨུ་ལྷན་ལ་རང་འགུལ་ངང་གནད་དོན་གསལ་བཤད་བྱེད་དགོས། དུས་བཀག་ནང་རང་འགུལ་ངང་གནད་དོན་གསལ་བཤད་བྱེད་པ་དང་། སྒྲིག་འགལ་ཁྲིམས་འགལ་གྱི་དངུལ་ཕྱིར་སློག་ཧུར་ཐག་བྱས་པའི་རིགས་ལ་སྒྲིག་སྲོལ་དང་ཁྲིམས་ལྟར་ཉེས་པ་ཇེ་ཡང་དུ་གཏོང་བའམ་ཡང་ན་གུ་ཡངས་གཏོང་རྒྱུ་ཡིན། དུས་བཀག་ནང་རང་འགུལ་ངང་གནད་དོན་གསལ་བཤད་མ་བྱས་པའི་རིགས་རྩད་ཆོད་བྱུང་ཚེ་སྒྲིག་ཁྲིམས་དང་སྒྲིག་སྲོལ་ལྟར་ཐག་གཅོད་ནན་མོ་བྱེད་རྒྱུ།






监制:刘莉丽
审核:马新国
责编:李宏翔
校稿:王振宇
来源:中共同仁市纪律检查委员会、同仁市监察委员会

 ·end·

     —如果喜欢,快分享到朋友圈吧—

大家都在看
【安全提示】@所有人,9大安全提示请收好!
【安全提示】冬季取暖,当心一氧化碳中毒!
【安全提示】春节假期,千万要警惕这六件事!



您可能也对以下帖子感兴趣

文章有问题?点此查看未经处理的缓存